医院公告
首页 新闻资讯 医院公告
山南市藏医医院关于在公共场所禁止吸烟的倡议书
发布日期:2024-03-17 浏览次数:624 来源:后勤服务中心

山南市藏医医院

关于在公共场所禁止吸烟的倡议书

 

广大职工、患者及家属:

公共场所禁止吸烟,既是创建国家卫生城市工作的重要内容,也是提高市民健康素质的重要举措。为减少烟草危害,创造良好的生产生活环境,我们发出如下倡议:

1.遵守公共场所禁止吸烟的规定,自觉从自身做起,倡导文明健康的生活习惯;

2.主动参与禁烟、控烟,创造一个健康的工作、就医环境;

3.不在医院内任何地方吸烟,自觉远离烟草,争做文明市民;

4.如果看到他人吸烟,请对其进行友好的提醒和劝诫,看到烟头请主动拾取至附近垃圾箱内;

5.积极参与,广泛宣传,让亲人和身边的朋友明白吸烟的危害,自觉远离烟草。

为了自己和他人的身体健康,为了创造洁净、文明、优美、和谐的医院环境,让我们立即行动起来,从现在做起,拒绝烟草,控制吸烟,减少烟害,珍爱生命,为创建文明、清新的医院环境共同努力!

ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྤྱི་པའི་ཁུལ་དུ་

བཞེས་ཐག་མཆོད་མི་རུང་བའི་

འབོད་སྐུལ་ཡི་གེ

བརྩེ་བའི་རྒྱ་ཆེའི་ལས་བཟོ་ལྷན་རྒྱས་དང་།  ནད་པ།  ནད་པའི་དོ་བདག་བཅས་ལ།

སྤྱི་པའི་ཁུལ་དུ་བཞེས་ཐག་མཆོད་མི་ཆོག་པ་ནི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་སྐྲུན་པའི་གཙོ་བོའི་ནང་དོན་ཞིག་ཡིན་པ་ཙམ་མ་ཟད་གྲོང་མིའི་བདེ་ཐང་བྱང་ཚད་མཐོར་འདེགས་གཏོང་བའི་གལ་ཆེའི་ཐབས་ཇུས་ཤིག་ཀྱང་ཡིན།    དེས་ན་ཐ་མག་གི་གནོད་འཚེ་ཆུང་དུ་གཏོང་བ་དང་།  དྭངས་གཙང་ཡིད་དབང་འཕྲོག་པའི་འཚོ་བའི་ཁོར་ཡུག་གསར་པ་ཞིག་སྐྲུན་པའི་ཆེད་དུ་འབོད་སྐུལ་ཞུ་རྒྱུ་གཤམ་གསལ་ལྟར་ཏེ།

དང་པོ།  རང་འགུལ་གྱི་སྒོ་ནས་སྤྱི་པའི་ཁུལ་དུ་བཞེས་ཐག་མཆོད་མི་ཆོག་པའི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་བ་དང་།  རང་ཉིད་ནས་འགོ་བཙུགས་ཏེ་ཡ་རབས་བདེ་ཐང་གི་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐབས་བྱེད་དགོས།

གཉིས་པ།  རང་འགུལ་གྱི་སྒོ་ནས་ཐ་མག་འགོག་པའམ་ཚོད་འཛིན་བྱེད་པའི་བྱེད་སྒོར་ཞུགས་ཏེ་བདེ་ཐང་ཅན་གྱི་སྨན་བཅོས་དང་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

གསུམ་པ།  སྨན་ཁང་ནང་ཁུལ་གྱི་ས་ཆ་གང་སར་བཞེས་ཐག་མཆོད་མི་ཆོག་ཅིང་།  རང་འགུལ་གྱི་སྒོ་ནས་ཐ་མག་མི་འཐེན་པའི་གྲོང་མི་ཡ་རབས་ཅན་ཞིག་ཆགས་པ་བྱེད་དགོས།

བཞི་པ།  གཞན་གྱིས་བཞེས་ཐག་མཆོད་པ་མཐོང་ཚེ་ངག་འཇམ་ཞི་དུལ་གྱི་སྒོ་ནས་གནས་དེར་བཞེས་ཁག་མཆོད་མི་རུང་བའི་དྲན་སྐུལ་སློབ་གསོ་གཏོང་བ་དང་།  ཐ་མག་ཕྲུག་ལྷག་མཐོང་ཚེ་རང་འགུལ་ངང་ལམ་སེང་གད་སྙིགས་བླུག་སྣོད་དུ་དོར་དགོས།

ལྔ་པ།  དུ་བ་འགོག་པའི་དྲིལ་བསྒྲགས་སློབ་གསོའི་ལས་ཀར་ཤུགས་སྣོན་རྒྱབ་སྟེ་རང་གི་གཉེན་ཉེ་དང་།  ཉེ་འཁོར་གྱི་མི་ཚང་མས་ཐ་མག་གི་གནོད་འཚེ་གསལ་རྟོགས་ཐུབ་པ་བྱས་ནས་རང་འགུལ་ངང་ཐ་མག་གཅོད་པའི་སེམས་ཤུགས་བསྐྱེད་པ་གནང་དགོས།

གཞན་ཡང་རང་གཞན་ཚང་མའི་ལུས་སེམས་བདེ་ཐང་དང་། དྭངས་ཤིང་གཙང་ལ་ཡ་རབས་ཞི་མཐུན་ལྡན་པའི་ཁོར་ཡུག་གསར་པ་ཞིག་སྐྲུན་པའི་ཆེད་དུ་ང་ཚོས་ལག་གདང་སྦྲེལ་ནས་དུ་འགོག་སློབ་གསོའི་བྱེད་སྒོར་ཧུར་ཐག་ངང་ཞུགས་ཤིང་། དུ་འགོག་དུ་གཅོད་ཀྱི་ལས་ཀར་དེ་བས་ཤུགས་སྣོན་རྒྱབ་སྟེ་དུ་བའི་དྲི་ཙམ་མེད་པའི་སྨན་ཁང་གི་ཁོར་ཡུག་གསར་པ་ཞིག་བསྐྲུན་ཕྱིར་ཚང་མས་འབད་འབུངས་གནང་དགོས། །

 

山南市藏医医院

202436